བཀའ་བློན་ཁྲི་ཟུར་གཉིས་ཀྱི་གསར་འགོད་ལྷན་ཚོགས།
བྲེལ་ཟིང་ཆེ་བའི་དམིགས་བསལ་ཚོགས་ཆེན་གྱི་ཉིན་གསུམ་པ་སྟེ་ཚེས་༡༩་
ཉིན་གྱི་ཕྱི་དྲོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དང།འཇུ་ཆེན་ཐུབ་བསྟན་མཆོག་
རྣམ་གཉིས་ཀྱིས་བཙན་བྱོལ་བོད་གཞུང་བཀའ་ཤག་མཇལ་འཕྲད་ཁང་དུ་ཕྱི་ནང་གསར་འགོད་པ་༤༠
ལྷག་ལ་ཏིང་ཞའོ་ཕིང་གིས་བོད་རང་བཙན་མ་གཏོགས་གནད་དོན་གང་གི་ཐད་ལ་ཡང་གྲོས་མོལ་བྱེད་ཆོག་
ཅེས་བཤད་ཡོད་པ་དེ་བདེན་དཔང་ར་སྤྲོད་བྱས་བྱུང།
རྒྱལ་ལོ་དོན་གྲུབ་མཆོག་གིས་གསར་འགོད་ཚོར་།་༡༩༧༩་ལོར་ཟླ་བ་གསུམ་པའི་ཚེས་༡༢་ཉིན་ང་རང་
ཏིང་ཞའོ་ཕིང་ལ་མཇལ་འཕྲད་སྐབས་ཁོང་གིས་བོད་རང་བཙན་མ་གཏོགས་གནད་དོན་གང་གི་ཐད་
ལ་ཡང་གྲོས་མོལ་བྱེད་ཆོག་ཅེས་བཤད་ཡོད་པ་མ་ཟད།་འདས་པའི་ལོ་ཉི་ཤུའི་རིང་བོད་དུ་དཀའ་ངལ་
མང་པོ་བྱུང་ཡོད་པ་རེད།འདས་པ་ནི་འདས་ཟིན་པ་རེད།་མ་འོངས་པར་བསམ་བློ་བཏང་ནས་ང་ཚོས་
གྲོས་མོལ་འགོ་འཛུགས་བྱེད་ཆོག་ཅེས་བཤད་བྱུང་ཟེར།
ཡང་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་གིས་།རྒྱལ་ལོ་དོན་གྲུབ་ཏིང་ལ་མཇལ་འཕྲད་གནང་
ནས་ཕྱིར་རྡ་རམ་ས་ལར་ཕེབས་འབྱོར་བྱུང་མཚམས་ཏིང་ཞའོ་ཕིང་གིསཁོང་ལ་བོད་རང་བཙན་
མ་གཏོགས་གནད་དོན་གང་གི་ཐད་ལ་ཡང་གྲོས་མོལ་བྱེད་ཆོག་ཅེས་བཤད་ཡོད་ཚུལ་བཀའ་ཤག་
ལ་སྙན་སེང་ཞུས་བྱུང་ཟེར།
ཏིང་ཞའོ་ཕིང་གིས་བོད་རང་བཙན་མ་གཏོགས་གནད་དོན་གང་གི་ཐད་ལ་ཡང་གྲོས་མོལ་
བྱེད་ཆོག་ཅེས་བརྗོད་ཡོད་པའི་ཚིག་འདི་ནི་བཙན་བྱོལ་གིས་འདས་པའི་ལོ་སུམ་ཅུའི་རིང་
བོད་རྒྱའི་འབྲེལ་ལམ་གྱི་རྩ་ཚིག་ཏུ་འཛིན་བཞིན་ཡོད་པ་རེད།་ཡིན་ནའང་གོང་ས་མཆོག་
གི་སྐུ་ཚབ་རྣམ་པ་ཐུག་འཕྲད་གནང་མཁན་རྒྱ་ནག་འཐབ་ཕྱོགས་གཅིག་ལྷན་ཁང་གི་
འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ཟླ་བ་བཅུ་གཅིག་པའི་ཚེས་༡༠་ཉིན་གསར་འགོད་
ལྷན་ཚོགས་ཐོག་བློ་མཐུན་ཏིང་ཞའོ་ཕིང་གིས་བོད་རང་བཙན་མ་
གཏོགས་གནད་དོན་གང་གི་ཐད་ལ་ཡང་གྲོས་མོལ་བྱེད་ཆོག་ཅེས་པ་རྩ་བ་ནས་བཤད་
ཡོད་པ་མ་རེད།་དེ་ནི་རྒྱ་རི་ཡིས་གོ་བ་ལོག་སྒྲུབ་བྱས་པ་རེད་ཅེས་བརྗོད་དང་མཉམ་དུ་་
གོང་ས་མཆོག་གི་སྐུ་ཚབ་ཚོས་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་རིགས་ཡོངས་
ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དོན་ཚན་བཅུ་གཅིག་
ཅན་ཅིག་ཕུལ་ཡོད་པ་ངོས་ལེན་མེད་པའི་གསལ་བསྒྲགས་བྱས་ཡོད་པ་རེད་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་དཔལ་ལྡན་
རྒྱལ་གྱིས་ཚེས་༢༠་ཉིན་རྒྱ་གར་རྡ་རམ་ས་ལ་ནས།
3 Comments »
Leave a comment
-
Recent
- ཁྱེད་ཀྱི་སྐྱེས་སྐར།
- བོད་རྒྱའི་གྲོས་མོལ་གྱི་ཁོར་ཡུག་ལ་བལྟ་བ།
- སྨྱོན་པ།
- རྡ་རམ་ས་ལ་དང་པེ་ཅིང་བར་གྱི་འབྲེལ་བ།
- གླེང་མོལ།
- གླེང་མོལ།
- གླེང་མོལ།
- བཀའ་བློན་ཁྲི་ཟུར་གཉིས་ཀྱི་གསར་འགོད་ལྷན་ཚོགས།
- ལོ་རྒྱུས་རང་བཞིན་ལྡན་པའི་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན།
- བྲེལ་ཟིང་ཆེ་བའི་རྡ་ས།
- མི་མང་དཀྱུས་མའི་བསམ་ཚུལ།
- ཚེས་༡༣་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡོད་པའི་བོད་མིའི་གཞིས་སྒར་བསམ་ཡས་གླིང་དུ་འབྱོར།
-
Links
-
Archives
- April 2009 (6)
- March 2009 (1)
- November 2008 (7)
-
Categories
-
RSS
Entries RSS
Comments RSS




དེ་རིང་འདི་རུ་ཡུན་རིང་གི་རེ་སྒུག་སྟེ་བོད་ཡིག་གིས་ཡི་གེ་གཏགས་ཐུབ་པའི་ཟིན་བྲིས་དོ་ར་ཞིག་བསྐྲུན་འདུག་པར་ཐུགས་རྗེ་ཆེ་ཞུ། རྒྱ་རྒན་ཚོར་ཞེ་ས་ཞེ་དྲགས་རྒྱག་གི་འདུག དེ་འདྲ་བྱེད་དགོས་ཀྱི་མ་རེད། མི་སྔུན་ནས་ངོ་ཚ་དགོས་པ་རེད། ཞེ་ས་རྒྱག་ན་རྒྱག་ས་ཞིག་ཡོད་པ་རེད། འདི་ཁྱེད་ལས་བྱེད་རྣམ་པས་སེམས་ལ་ཟུངས།
དཔེར་ན་ཧུའི་ཅིན་ཐོ་ཅིག་ལ་ཕེབས་པ་རེད། ཧུའུ་ཅིན་ཐོས་དེ་སྐད་གསུངས་པ་རེད་ལྟ་བུ་གོ་ན་ངོ་ཚ་གི་འདུག ད་ཨོ་ན་ཁྱི་དང་ཞི་མི་བ་གླང་དང་ཕག་པ་སོགས་ལ་ཞེ་ས་རྒྱག་གི་ཡིན་པས། བོད་མིའི་མི་གསོད་ཀྱི་ལག་དམར་ཡོད་ན་མེད་ན་དེ་ཧུའུ་གཅིག་འཐུང་ཡིན་ན་དེ་རེད། འདི་སེམས་ལ་ཟུངས། དེ་མིན་ད་ལྟ་དེ་གའི་དྲ་ཚིགས་ཀྱི་ཡིག་ནོར་དགའ་རབས་ཉུང་དུ་ཕྱིན་འདུག ངའི་བསམ་ཚུལ་ཡིན་ན་བོད་ཡིག་ཡག་པོ་ཡོད་པའི་ལས་བྱེད་རེ་བསྡུ་ལེན་བྱེད་རྒྱུ་གལ་ཆེན་པོ་རེད། ཀློག་ཐུབ་ཙམ་དེ་གལ་ཆེན་པོ་མ་རེད། ད་དུང་ཡོད། བོད་ཡིག་གིས་གསར་འགྱུར་འབྲི་དུས་མི་མིང་ས་མིང་དེ་ཚོ་བོད་ཡིག་གི་ར་མགོ་ལ་མགོ་ས་མགོ་དང་ར་བཏགས་ལ་བཏགས་ཟེར་བ་དེ་དག་གི་ལམ་ནས་འབྲི་རོགས། དཔེར་ན། ཁེ་ན་སྒྲ་ཞེས་པ། ལ་ཁྲིན་ཨ་མེ་རི་ཁ ཊཋཌཎ་འདི་དག་གི་ལེགས་སྦྱར་ཡི་གེ་འབྲི་དུས་བོད་ཡིག་གི་ཚབ་བྱེད་སྲོལ་ཞིག་ཡོད་པ་རེད། གལ་སྲིད་ཁྱེད་རང་གི་བོད་ཡིག་ཡག་པོ་ཡོད་ཚེ་ལོག་ཡིག་དེ་དག་གི་ཚབ་ཏུ་ཀྲ་ཁྲ་འདྲའམ་སྒྲ་རྣ་ཞེས་བྲིས་ཆོག་གི་རེད།
མཁྱེན་ལྡན་གྱི་ཀློག་པ་པོ་རྣམ་པ་དང་ཟིན་བྲིས་པ་རྣམ་པར་འབོད་སྐུལ། http://www.shambalapost.com